གལ་ཆེའི་བྱུང་བ།
འོས་བསྡུའི་ཆེད་མིང་གཞུང་དེབ་འགོད
ཕྱི་ལོ་༢༠༢༠་ཟླ་བ་༡༠་ཚེས་༥
དེ་རིང་ས་གནས་ནེ་རྡར་ལན་ཌི་རུ་ ༢༠༢༡ ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་མིང་གཞུང་དེབ་འགོད་དང་དཔྱ་དེབ་དུས་སྒྱང་དཔྱ་དངུལ་གཙང་འབུལ་སོགས་ཀྱི་ཉིན་དང་པོ་ཡིན། ད་དུང་ཉིན་གཉིས་ཀྱི་རིང་ས་གནས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རང་འགན་རང་ཁུར་གྱིས་དུས་ཐོག་ངེས་ཕེབས་ཡོང་བ་དང་། ༢༠༢༡ གི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ནང་ཚང་མས་ཆ་ཤས་ལེན་ཡག་དང་འོས་བསྡུའི་ཐོབ་ཐང་ལོངས་སུ་སྤྱོད་རོགས་ཞུ་རྒྱུ་ཡིན།
ལས་འགུལ།
༼Global Day of Action༽
ཕྱི་ལོ་༢༠༢༠་ཟླ་བ་༡༠་ཚེས་༡
དེ་རིང་སྤྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་པོའི་སྲིད་ཇུས་ངན་པའི་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་འདྲ་མིན་གྱི་ཚོགས་པ་ཁག་དགུས་ས་གནས་ Amsterdam, Museumplein རུ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་དང་། བྱ་ངན་ལ་གདོང་ལེན་དང་ངོ་རྒོལ་ཆེད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད།
གསལ་བསྒྲགས།
ཕྱི་ལོ་༢༠༢༠་ཟླ་བ་༩་ཚེས་༡༩
ནེ་རྡར་ལན་ཌི་བོད་རིགས་མི་མང་ཡོངས་ལ་ཞུ་རྒྱུར། སྤྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་པོའི་སྲིད་ཇུས་ངན་པའི་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་འདྲ་མིན་གྱི་ཚོགས་པ་ཁག་དགུས་ས་གནས་ Amsterdam, Museumplein རུ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་དང་། བྱ་ངན་ལ་གདོང་ལེན་དང་ངོ་རྒོལ་ཆེད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུས་ཡོད་ལགས་ན། མི་དམངས་གང་མང་ངེས་པར་དུ་མཉམ་བཞུགས་ཡོང་བ་ཞུ།
རླུང་རྟ་སྒྲོན་འཛུགས་བྱེད་མི་ཆོག་པ།
ཕྱི་ལོ་༢༠༢༠་ཟླ་བ་༩་ཚེས་༡༧
བོད་ནང་དུ་དགྲ་བོ་རྒྱ་ནག་གི་སྲིད་ཇུས་ངན་པའི་འོག་བོད་ཀྱི་རིག་གཞུང་མང་པོ་ཞིག་རྩ་མེད་བཟོ་བཞིན་པའི་ནང་། ཆོས་ཕྱོགས་དང་འབྲེལ་བའི་རླུང་རྟ་སྒྲོན་འཛུགས་བྱེད་མི་ཆོག་པ། ལྷག་པར་དུ་མི་ཚང་སོ་སོའི་ཁང་ཐོག་ལ་ཡོད་པའི་རླུང་རྟ་མར་ཕབ་ནས་རྒྱ་ནག་དམར་པོའི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པ་སོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་། བོད་ནང་དུ་ཡོད་པའི་བོད་མི་ཚོ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་མཐུན་མོང་མ་ཡིན་པའི་བོད་ཀྱི་རླུང་རྟའི་རིན་ཐང་ངོ་སྤྲོད་ཡོང་ཐབས་སོགས་ལ་དམིགས་ནས་དེ་རིང་སྤྱི་ལོ་༢༠༢༠ ཟླ་༩ ཚེས་ ༢༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ནེ་རྡར་ལན་ཌི་བོད་རིགས་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་རྒྱ་ནག་གཞུང་ཚབ་སྒོ་ཁ་ནས་ཞི་བདེའི་རྒྱལ་ཁང་བར་དུ་སྤྱི་ལེ་༡,༣ རིང་མི་མང་གིས་ལག་ཏུ་རླུང་རྟ་བཟུང་ནས་དར་ཐག་འཐེན་ཡག་སོགས་ཀྱི་ལས་འགུལ་སྤེལ་ཡོད།
གསལ་བསྒྲགས།
ཕྱི་ལོ་༢༠༢༠་ཟླ་བ་༩་ཚེས་༡༢
བོད་ནང་དུ་དགྲ་བོ་རྒྱ་ནག་གི་སྲིད་ཇུས་ངན་པའི་འོག་བོད་ཀྱི་རིག་གཞུང་མང་པོ་ཞིག་རྩ་མེད་བཟོ་བཞིན་པའི་ནང་། ཆོས་ཕྱོགས་དང་འབྲེལ་བའི་རླུང་རྟ་སྒྲོན་འཛུགས་བྱེད་མི་ཆོག་པ། ལྷག་པར་དུ་མི་ཚང་སོ་སོའི་ཁང་ཐོག་ལ་ཡོད་པའི་རླུང་རྟ་མར་ཕབ་ནས་རྒྱ་ནག་དམར་པོའི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པ་སོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་། །
བོད་ནང་དུ་ཡོད་པའི་བོད་མི་ཚོ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་མཐུན་མོང་མ་ཡིན་པའི་བོད་ཀྱི་རླུང་རྟའི་རིན་ཐང་ངོ་སྤྲོད་ཡོང་ཐབས་སོགས་ལ་དམིགས་ནས་སྤྱི་ལོ་༢༠༢༠ ཟླ་༩ ཚེས་ ༢༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ནེ་རྡར་ལན་ཌི་བོད་རིགས་ཚོགས་པ།
བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་རྒྱ་ནག་གཞུང་ཚབ་སྒོ་ཁ་ནས་ཞི་བདེའི་རྒྱལ་ཁང་བར་དུ་སྤྱི་ལེ་༡,༣ རིང་མི་མང་གིས་ལག་ཏུ་རླུང་རྟ་བཟུང་ནས་དར་ཐག་འཐེན་རྒྱུ་ཡིན་པས་ས་གནས་བོད་རིགས་གང་མང་བོད་ཆས་གྱོན་ནས་ངེས་ཕེབས་ཡོང་བ་ཞུ
ནེ་རྡར་ལན་ཌི་ས་གནས་འོས་བསྡུའི་ཟུར་དཔང་དང་ཚོགས་མི་འོས་འདེམས།
ཕྱི་ལོ་༢༠༢༠་ཟླ་བ་༨་ཚེས་༤
ཕྱི་ལོ་༢༠༢༠་ཟླ་བ་༨་ཚེས་༤་ཉིན་ས་གནས་འདེམས་བསྐོ་ལྷན་ཚོགས་གི་འོས་འདེམས་སྐབས་མང་མོས་འོས་འདེམས་བྱུང་བའི་ཚོགས་མི་མིང་ཐོ་གཤམ་གསལ།
ཟུར་དཔང། : ༡༽ཟླ་བ་ཚེ་རིང། ༢༽ དོན་འགྲུབ་དར་རྒྱས་ཚང་། ༣༽ ཉི་མ་ཐུབ་བསྟན།
ཚོགས་མི། : ༡༽ དཀར་མ་ང་དབང། ༢༽ དབང་ཕྱུག་ཚེ་རིང། ༣༽ནོར་བུ་དོན་སྒྲུབས། ༤༽ དཔལ་སྐྱིད་ཚོ་མོ། ༥༽ཀརྨ་གཞན་ཕན།
Raise your prayer flags
August 31, 2020
China’s government has ordered that prayer flags, THE symbol of Tibet, be taken down from roofs and hilltops in Tibet.
Help us stop the Chinese oppression in Tibet! On 27th September we raise our prayer flags for those who can’t.
Hang prayer flags outside where everyone can see them and share a photo online with the hashtag #FLAGSFORTIBET
Happy Birthday to His Holiness the Panchen Lama
April 25, 2020
You are turning 31 today but the saddest part is that we tibetans don’t know about your whereabouts. China abducted you when you were just 6 years old. We pray and hope that where ever you are, that you are in healthiest of form. We wish you a peaceful and a happy mind.
We remember you in our prayers, Kyab su chey
Join us in commemorating 61st Tibetan Uprising Day
March 5, 2020
Please join us in commemorating 61st Tibetan Uprising Day on 10 march 2020. On 10 march 1959, thousands and thousands of tibetans took to the streets of lhasa and rose against the suppression by China. The uprising was brutally suppressed and His holiness the 14th Dalai lama was forced to flee into exile.
Ever since, we have been commemorating 10th of march as Tibet’s National Uprising Day!! China occupied Tibet illegally and we shall continue our strive for Tibet’s independence. We therefore need your voice and support like never before.
To show your solidarity, please join the freedom march in Amsterdam organised by International campaign for Tibet and Tibetan community in the Netherlands.
When:10 march 2020 at 12.30 p.m.
His holiness the 14th Dalai Lama’s 84th birthday
June 07, 2019
All the friends and supporters of Tibet are welcome to join the Tibetan community of the Netherlands in celebrating His holiness the 14th Dalai lama’s 84th birthday. There will be rituals performed on the first day before starting the celebration. The days will be further filled with tibetan cultural programs, games and tasty Tibetan food.
When: on 9th and 10th of July 2019
from 11 O’clock.
Where: At the Koning party events, Isolatorweg 29 in Amsterdam.
Entrance: from the age of 18 and above, its €35 for 1 day and €45 for 2 days.
From the age of 10 to 17, its €25 for 1 day and €35 for 2 days.
Children under 10 years of age are free.
See you all on 9th and 10th of July!!
བོད་རྒྱལ་ལོ་།། BHOE GYALO (FREE TIBET).