ནེ་རྡར་ལན་ཌི་བོད་རིགས་ཚོགས་པ།

ད་ལྟའི་འཆར།

ད་ལྟའི་འཆར་འདི་གར་ནེ་རྡར་ལན་ཌི་རུ་བོད་མི་ ༡༠༠༠ ཡས་མས་ཙམ་ཡོད་པ་དང་། དེའི་ནང་བོད་ཕྲུག་ཡང་མི་ཉུང་བ་ཞིག་ཡོད། དེ་དག་ལ་བོད་མི་རིགས་ཀྱི་ཐུན་མིན་སྐད་དང་ཡི་གེ་ཆོས་དང་རིག་གཞུང་། ཡ་རབས་བཟང་སྤྱོད་དག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་ཐབས་སུ། ན་ཆུང་བྱིས་པ་ལོ་ན་གསུམ་བཞི་ཡན་དང་གནས་ཡུལ་གཞུང་གི་བཀའ་དྲིན་འོག་དེང་དུས་ཀྱི་སློབ་སྦྱོང་ཚད་འཐོར་ཡོད་པའི་མཐོ་སློབ་ལ་འགྲོ་བཞིན་པའི་བོད་ཕྲུག་མན་ཆད། ད་སྐབས་ཁྱོན་བསྡོམས་བོད་ཕྲུག་བརྒྱ་ལྷག་ཙམ་དང་། དང་བླངས་བོད་དགེ་བརྒྱད་ལས་གྲུབ་པའི་(གངས་ལྗོངས་རིག་མཛོད་སློབ་གྲྭ)འདི་བཞིན་གསར་འཛུགས་ཞུས་པ་དང་། དེ་ནས་བཟུང་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལོ་རྒྱུས་དང་བཅས་པ་སློབ་སའི་ཁོར་ཡུག་ཞིག་བསྐྲུན་ཏེ་བོད་ཀྱི་སྐད་དང་ཡི་གེ་སྦྱང་སའི་རྨང་གཞི་ཞིག་བཙུགས་ཐུབ་པ་བྱུང་ཡོད།

འཛིན་ཁང་གི་ཆ་རྐྱེན་དང་དགེ་རྒན་སོགས་ཀྱི་དཀའ་ངལ་མང་དག་གཅིག་འཕྲད་ཀྱང་གདོང་ལེན་བྱས་ཏེ་ད་བར་བདུན་ཕྲག་རེའི་རེས་གཟའ་ཉི་མ་ནམ་ཡིན་ལ་བོད་ཀྱི་སྐད་དང་ཡི་གེ་ཡ་རབས་བཟང་སྤྱོད་སོགས་སློབ་ཁྲིད་བྱས་དང་བྱེད་མུས་ཡིན། དགེ་རྒན་གྱི་སློབ་ཁྲིད་གཅིག་པུར་མ་ཡིན་པར་སྐབས་དང་དུས་ལ་མཁས་དབང་དང་བླ་མ་དགེ་བཤེས། དེ་བཞིན་གཞུང་འབྲེལ་མི་སྣ་སོགས་ནས་བཀའ་སློབ་ལམ་སྟོན་དང་ཆོས་དང་མ་འབྲེལ་བའི་ཡ་རབ་བཟང་སྤྱོད་སོགས་སློབ་ཁྲིད་ཀྱང་གནང་གི་ཡོད། མདོར་ན་རང་ཅག་གངས་ཅན་པའི་ངོ་བོ་མཚོན་བྱེད་རིག་གཞུང་དག་བརླག་ཉེན་ལས་བསྐྱབ་ཐབས་སུ་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་རྣམས་ཡར་རྒྱས་གོང་འཕེལ་དང་མ་འོངས་བོད་མིའི་སོན་རྩ་དག་ལ་རྩིས་སྤྲོད་དང་རྒྱུན་འཛིན་ཐུབ་ཐབས་ལ་དམིགས་ནས། འགྲོ་སོང་དང་དཀའ་ངལ་གང་ལའང་མ་འཛེམས་པར་འབད་བརྩོན་ཞུས་དང་ཞུ་མུས་ཡིན་ལ། སླད་མར་ཡང་ལས་གཞི་དེ་དག་གལ་ཆེའི་ངོ་བོར་འཛིན་ཏེ་ཕྱི་ནང་གི་འགལ་རྐྱེན་ཅི་བྱུང་རུང་ཞུམ་པ་མེད་པར་མདུན་སྐྱོད་དགོས་པ་ནི་ངེད་ཅག་ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་འདས་མ་ད་གསུམ་གྱི་རྩ་འཛིན་ཉག་གཅིག་ཡིན།

གཞན་ཡང་ཆབ་སྲིད་ཀྱི་ཐད་ནས་སུམ་ཅུའི་དུས་དྲན་གྱིས་མཚོན་པའི་གནས་སྟངས་ཛ་དྲག་ལ་དཔག་པའི་གོ་སྐབས་དམ་འཛིན་གྱིས་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་སྐད་འབོད་སོགས་གནས་ཡུལ་གཞུང་གི་ཁྲིམས་དང་མཐུན་པའི་གོ་སྒྲིག་བྱས་དང་བྱེད་བཞིན་ཡོད། ཆབ་སྲིད་ཀྱི་ལས་འགུལ་དང་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་དང་མཉམ་འབྲེལ་གྱིས་ས་གནས་གཞན་ལས་ལྷག་ཙམ་གནང་མུས་ཡིན།

དེ་བཞིན་རྒྱ་གར་ནང་དུ་ས་གནས་ཁག་མ་འདྲ་བ་ ༦ ལ་གཉན་ནད་རིག་དུག་ HIV ནད་པ་ ༡༥ ཙམ་ལ་ནེ་རྡར་ལན་ཌིའི་བོད་པ་རང་གིས་དྭང་བླངས་སྦྱིན་བདག་གནང་བཞིན་ཡོད། ད་ལྟའི་ཆར་ང་ཚོ་ནེ་རྡར་ལན་ཌིའི་བོད་རིགས་མི་མང་རྣམས་ཡུལ་གྲུ་གཞན་དང་མི་འདྲ་བ་མཐུན་འབྲེལ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས། ད་བར་བོད་རིགས་ཚོགས་པ་ལས་གཞན་ཚོགས་པ་དང་སྐྱིད་སྡུག་སུ་གང་བོད་རིགས་ཚོགས་པ་དང་བོད་རིགས་མི་མང་གིས་ངོས་འཛིན་ཡོད་པ་མེད། གནས་སྟངས་འདི་ནི་ས་གནས་གཞན་གྱི་བོད་པའི་སྤྱི་ཚོགས་དང་གཏན་ནས་མི་འདྲ་བ་ཆོལ་གསུམ་བོད་རིགས་སྤུན་ཟླ་མཐུན་འབྲེལ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ལ་དམིགས་དཔེ་བཟང་པོ་ཞིག་ལ་ངོས་འཛིན་གྱིས། ཉེ་འཆར་ས་གནས་སུ་དཔལ་ལྡན་སྲིད་སྐྱོང་གཙོས་པའི་སྤྱི་འཐུས་རྣམས་པ་དང་གཞུང་འབྲེལ་མི་སྣས་འཚམས་གཟིགས་སྐབས་མཐའ་མའི་ཐུགས་རེ་དང་བཀའ་སློབ་བསྩལ་སྐབས་ཀྱང་། བོད་རིགས་ཚོགས་པ་ལས་གཞན་ཚོགས་པ་དང་སྐྱིད་སྡུག་གང་ཡང་མེད་པར་མུ་མཐུད་ཆིག་སྒྲིལ་ཐོག་གནས་དགོས་པ་དང་དམིགས་དཔེ་བཟང་པོ་ཡིན་པ་ནན་བརྗོད་གནང་སོང་།

མདོར་ན་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་མེད་བཀའ་དྲིན་ལམ་སྟོན་འོག་ཤར་སྐྱོད་བྱེད་བཞིན་པ་དང་བྱ་རྒྱུའི་དམ་བཅའ་བརྟན་པོར་གནས་པའི་ཐོག་བྱེད་སྒོ་ཡོངས་ལ་འཐུས་ཤོར་མེད་པ་དང་། དམ་ཚིག་རྡོག་རྩ་ཆིག་སྒྲིལ་དང་མཛའ་མཐུན་གསེར་གྱི་མདུད་པ་ལྷོད་མེད་ངང་ད་ལྟའི་བར་དུ་ནེ་རྡར་ལན་ཌི་བོད་རིགས་མི་མང་རྣམས། མཛའ་མཐུན་མཉམ་གནས་ཐོག་འཛམ་གླིང་གང་སར་ཡོད་པའི་བོད་མི་དག་གིས་ཡིད་སྨོན་ཤོར་བའི་གནས་སུ་ཡོད་བཞིན་པ་བཅས་ཡིན།

ལོ་རྒྱུས།

ཕྱི་ལོ་ ༢༠༠༥ ལོར་ཆོས་ལུགས་རིས་མེད་དང་ཆོལ་ཁ་དབྱེར་མེད་ཀྱི་བོད་མིའི་སྐྱིད་སྡུག་གསར་དུ་བཙུགས་པ་དང་སྐྱིད་སྡུག་གི་ལས་མི་བརྗེ་སྤོར་ཐེངས་གཉིས་བྱས་རྗེས། ༢༠༠༨ ལོར་མང་མོས་འོས་བསྡུའི་ལམ་ནས་ཚོགས་གཙོ་དང་ཚོགས་གཞོན་གྱིས་མཚོན་པའི་ཚོགས་མི་བདམས་ཐོན་གྱི་སྐྱིད་སྡུག་དེ་ཉིད་ཚོགས་པའི་ངོ་བོར་བསྒྱུར། དེ་ནས་བཟུང་སྐབས་དང་པོ་དང་གཉིས་པ་གཉིས་ལ་ལོ་གཉིས་རེ་དང་སྐབས་གསུམ་པ་ནས་ད་ལྟ་སྐབས་ལྔ་པའི་བར་དུ་ལོ་གསུམ་གྱི་ལས་ཡུན་ཚད་བཀག་ལྟར་འགྲོ་བཞིན་ཡོད། ལས་གནས་དེ་དག་གི་རིང་བོད་སྤྱི་པའི་འགན་འཁྲི་དང་བོད་མི་རིགས་ཀྱི་རྩ་དོན་མཐའ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱིས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་། གོམས་སྲོལ་རྒྱུན་གནས་ཐུབ་ཆེད་ལོ་གསར་གཙོས་པའི་ས་གནས་བོད་མི་དག་མཉམ་འཛོམས་ཀྱིས་ལོ་རེར་མང་གཙོའི་དུས་ཆེན་དང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ། ྋསྐུའི་འཁྲུངས་སྐར་གཙོས་མཛད་སྒོ་ཆེ་ཁག་དང་གཞུང་འབྲེལ་མཛད་སྒོ་གང་ཡོད་འདི་གར་ཡང་སྤྱི་མཚུངས་ལྟར་གོ་སྒྲིག་ཞུ་བཞིན་པ་དང་། ལྷག་པར་དུ་གཞིས་ལུས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་གདུང་སེམས་མཉམ་སྐྱེད་དུ་དུས་དང་འཚམ་པའི་མཆོད་འབུལ་སྨོན་ལམ་ཞུ་བཞིན་ཡོད།

མ་འོངས་པའི་ལས་འཆར།

སྤྱི་ཁང་ཉོ་རྒྱུའི་ལས་འཆར་དང་དམིགས་ཚད།

༼སྤྱི་ཁང་ཉོ་རྒྱུའི་ལས་འཆར་མདོར་བསྡུས།༽

ཞིབ་ཕྲ། སྤྱི་ཁང་ཉོ་རྒྱུའི་ལས་འཆར་

སྒྲིག་གཞི།

༄༅། །ས་གནས་ནེ་རྡར་ལན་ཌི་བོད་རིགས་ཚོགས་པ་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་ནི། ནེ་རྡར་ལན་ཌི་གནས་སྡོད་བོད་མི་ཕན་ཚུན་འབྲེལ་འདྲིས་དང་མཐུན་ལམ། སྐྱིད་སྡུག་མཉམ་འཁུར་བྱེད་པའི་ཆེད་དུ་ཡིན་པར་མ་ཟད། ༧སྐྱབས་གནས་༧གོང་ས་ཡིད་བཞིན་ནོར་བུས་དབུ་ཁྲིད་དང་ལམ་སྟོན་འོག་ཡོད་པའི་རང་གཞུང་གི་མཛད་བྱུས་ཁག་ལ་ཤར་སྐྱོད་བྱ་རྒྱུ་དང་། བོད་མི་ནང་ཁུལ་ཆིག་སྒྲིལ་སྲ་གཏན་གོང་མཐོར་གཏོང་ཐབས་གཙོར་བཟུང་བྱ་རྒྱུའི་ཐོག་སྔོན་རབས་ལོ་རྒྱུས་དང་། ད་ལྟའི་གནས་བབ། མ་འོངས་ཕུགས་འདུན་གཅིག་པའི་བོད་མི་སྤྱི་ཡོངས་ཀྱི་མཚན་སྙན་ལ་ཕན་པའི་ལེགས་སྤེལ་ཉེས་འགོག་གི་ཞབས་འདེགས་བསྒྲུབ་ཐུབ་པའི་རེ་འདུན་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་མི་ཉམས་གོང་སྤེལ་དང་། ཉམས་པ་སོར་ཆུད་ཡོང་བའི་ཐབས་ལམ་དམིགས་སུ་བཟུང་སྟེ་འབྲེལ་ཡོད་ཚོགས་མི་རྣམས་ནས་ཀྱང་། གཤམ་གསལ་སྒྲིག་དོན་ཁག་འགལ་མེད་ཚུལ་མཐུན་ལག་བསྟར་བྱེད་དགོས་པ་མ་ཟད། རང་རིགས་བོད་མི་ཡོངས་ནས་ཀྱང་སྒྲིག་གཞིར་གསལ་བའི་ལས་དོན་རྣམས་ཚགས་ཚུད་འབྱུང་ཐབས་སུ་ཕྱར་གྲུ་མཉམ་འདེགས་དགོས་པའི་དོན་ཚན་ཁག་འདི་ལྟར།

ཀ༽ སྤྱི་ནོར༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་མཛད་པའི་བཙན་བྱོལ་གཞུང་གི་མཛད་བྱུས་ལམ་སྟོན་འོག་ཤར་སྐྱོད་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མཐའ་དག་དོན་འཁྱོལ་ཡོང་བའི་དབུ་འོག་དཔུང་འདེགས་ཞུ་རྒྱུ།

ཁ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་གཞུང་གི་ཁྲིམས་ལུགས་དང་བཀའ་རྩ་། སྒྲིག་གཞི་ཁག་བཅས་ལ་མ་འགལ་པའི་ཐོག ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་སྒྲིག་གཞིར་བརྩི་བཀུར་དང་ལེན་ཞུ་དགོས།

ག༽ ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་ཁོངས་གཏོགས་རང་རིགས་བོད་མི་སུ་ཡིན་རུང་བོད་སྤྱིའི་མིང་ཆད་ཞབས་འདྲེན་ཞུ་མཁན་རིགས་མཐོང་ཐོས་བྱུང་མཚམས་སུ་ལམ་སྟོན་སློབ་གསོ་དང་། བཀའ་བཀོད་གང་ཐུབ་ཅི་ཡོང་ཞུ་དགོས།

ང༽ བོད་རིགས་ནང་ཁུལ་ཕན་ཚུན་མཐུན་སྒྲིལ་དང་། གཅིག་ཕན་གཅིག་རོགས་བྱ་ཐབས་གཙོར་བཟུང་གིས་མང་གཙོའི་ལམ་སྲོལ་སྲ་བརྟན་གོང་སྤེལ་གཏོང་ཐབས་དགོས་ཁར་ས་གནས་ཡུལ་ཁྲིམས་ལའང་སྲུང་བརྩི་ཚུལ་བཞིན་ཞུ་རྒྱུ་དང་། ཡུལ་མིའི་དབར་མཛའ་མཐུན་མཉམ་གནས་ཡོང་ཐབས་བྱ་རྒྱུ།

ཅ༽ ཚོགས་པའི་ཁོངས་གཏོགས་བོད་མི་སུ་ཞིག་ནད་མནར་ཚབས་ཆེ་བྱུང་ཚེ་ཡོ་སྒོར་༥༠ དང་། མི་ཤི་རྐྱེན་ཆག་གི་དཀའ་ངལ་འཕྲད་ཚེ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡོ་སྒོར་ ༡༠༠ རེ་འབུལ་འཐུས་ལས། དེ་མིན་གཉེན་སྒྲིག་སོགས་དགའ་སྟོན་གྱི་རིགས་ལ་འབུལ་མི་དགོས།

ཆ༽ བོད་ཀྱི་གཞུང་འབྲེལ་དུས་ཆེན་ནམ་ཁེལ་ལ་སྔར་རྒྱུན་བཞིན་ཚོགས་པའི་གོ་སྒྲིག་འོག་དུས་སྟོན་སྲུང་བརྩི་ཞུ་བཞིན་པ། དཔེར་ན། བོད་ཀྱི་ལོ་གསར་དང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་སོགས་ལ་སྤྲོ་སྐྱིད་གོ་སྒྲིག་ཞུ་སྐབས་རང་རིགས་ས་གནས་བོད་མི་ཚང་མ་དགའ་དད་སྤྲོ་གསུམ་གྱིས་དུས་ཐོག་ལ་ངེས་པར་བཅར་དགོས་པ་ཡིན།

ཇ༽ བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ངོ་རྒོལ་སྐད་འབོད་ཀྱིས་ལས་དོན་སྔར་ལས་ཚགས་ཚུད་གོ་སྒྲིག་ཞུ་རྒྱུ་དང་། དེ་མིན་བོད་དོན་ཐོག་ཛ་དྲག་གི་ལས་དོན་སྤེལ་དགོས་བྱུང་ཚེ་སྐབས་དུས་སོ་སོར་གནས་སྟངས་ལ་གཞིགས་པའི་ལས་དོན་གནད་སྨིན་གོ་སྒྲིག་ཞུ་དགོས་པ་ཡིན།

ཉ༽ ནེ་རྡར་ལན་ཌི་བོད་རིགས་མི་མང་གི་མངོན་འདོད་ལྟར་ས་གནས་བོད་རིགས་ཚོགས་པ་ཡོད་བཞིན་དུ་ཚོགས་པ་འདྲ་མིན་གསར་འཛུགས་གནང་མ་དགོས་པ་རང་སོར་གནས་ཐབས་དགོས་རྒྱུ། གལ་སྲིད་ཆོས་ལུགས་དང་ལུང་ཚན་བར་འཐེན་འཁྱེར་གྱི་ཚོགས་པ་གཞན་བྱུང་ཚེ། དེ་ལ་བོད་རིགས་ཚོགས་པ་དང་མི་མང་གིས་ངོས་ལེན་ནམ་ཡང་མེད།

ཏ༽ ༧གོང་ས་མཆོག་དང་རང་གཞུང་སོགས་ལ་ལུགས་མཐུན་གོ་ལྡོག་གིས་ངོ་རྒོལ་དང་། སྒྲོ་སྐུར་ཚད་མེད་བྱེད་མཁན་གྱི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་ལམ་ནོར་ལྡོག་ཤེས་ཡོང་ཐབས་སུ་སྐབས་འཕྲལ་བཀའ་བཀོད་སློབ་གསོ་གནང་དགོས།

ཐ༽ གཞུང་དང་མི་མང་དབར་གྱི་ཟམ་པ་ལྟ་བུ་ཚོགས་པའི་རྒྱུན་ལས་རྣམས་ཆགས་ཡོད་སྟབས་རང་གཞུང་གོང་རིམ་ནས་བཀའ་རྒྱ་ཇི་ཕེབས་སྐབས་འཕྲལ་མི་མང་ལ་དུས་ཐོག་གསལ་བསྒྲགས་དགོས་རྒྱུ་དང་། མི་མང་ནས་བསམ་འཆར་རམ་དེ་མིན་བཀའ་འདྲི་ཞུ་དགོས་ཅི་མཆིས་སྐབས་སོ་སོར་འབྲེལ་ཡོད་ལས་ཁུངས་ཁག་ལ་རོགས་ཕན་ཡོང་བའི་འབོད་སྐུལ་སྙན་སེང་དུས་ཐོག་ཞུ་དགོས་རྒྱུ།

ད༽ དམིགས་བསལ་དགོས་གལ་རྣམས་ཕུད་དེ་མིན་གསལ་བསྒྲགས་དང་། ཡིག་འབྲེལ་སོགས་ཆ་ཚང་བོད་ཡིག་ཐོག་གནང་ཐབས་དགོས་པ་ཡིན།

སྒྲིག་གཞི།

ཚོགས་མི།

༼ཚོགས་མིའི་ལས་འཆར་མདོར་བསྡུས།༽

མུ་མཐུད་ཀློགས་གནང་། ཚོགས་མིའི་འགེང་ཤོག