བོད་རིགས་ཚོགས་པའི་ཚོགས་མི།


ས་གནས་བོད་རིགས་མི་མང་ཡོངས་རྫོགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་དང་པོ་དང་༼བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་གཞུག་རྒྱུའི་ཐོབ་ཐང་ཡོད།༽ གསུམ་པ། ༼རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག༽ ཞེས་པའི་དགོངས་དོན་ལྟར། ཆ་རྐྱེན་ཚང་བ་དང་རང་ཉིད་ཞུགས་འདུན་ཡོད་རིགས་ཚང་མ་ཞུགས་ཆོག ས་གནས་བོད་རིགས་གཞོན་སྐྱེ་ལོ་ན་ ༡༨ ལོན་པ་དང་བོད་རིགས་ཚོགས་པའི་ཚོགས་མི་ངེས་པར་དུ་བཟོ་དགོས་པ་ཡིན། དེ་ལས་ལོ་ན་ཆུང་བ་བྱིས་པ་ཚུན་ཆད་རང་མོས་ཐོག་ཚོགས་དངུལ་ཕུལ་ན་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།


མུ་མཐུད་ཀློགས་གནང་། ཚོགས་མི་ལག་འཁྱེར་གསར་བཟོ་། དྲ་རྒྱའི་རྒྱུད་ཚོགས་མི་ལག་འཁྱེར་གསར་བཟོ་།

རྒྱུན་ལས་རྣམ་པ།


ཕྱི་ལོ་ ༢༠༠༥ ལོར་ཆོས་ལུགས་རིས་མེད་དང་ཆོལ་ཁ་དབྱེར་མེད་ཀྱི་བོད་མིའི་སྐྱིད་སྡུག་གསར་དུ་བཙུགས་པ་དང་སྐྱིད་སྡུག་གི་ལས་མི་བརྗེ་སྤོར་ཐེངས་གཉིས་བྱས་རྗེས། ༢༠༠༨ ལོར་མང་མོས་འོས་བསྡུའི་ལམ་ནས་ཚོགས་གཙོ་དང་ཚོགས་གཞོན་གྱིས་མཚོན་པའི་ཚོགས་མི་བདམས་ཐོན་གྱི་སྐྱིད་སྡུག་དེ་ཉིད་ཚོགས་པའི་ངོ་བོར་བསྒྱུར། དེ་ནས་བཟུང་སྐབས་དང་པོ་དང་གཉིས་པ་གཉིས་ལ་ལོ་གཉིས་རེ་དང་སྐབས་གསུམ་པ་ནས་ད་ལྟ་སྐབས་ལྔ་པའི་བར་དུ་ལོ་གསུམ་གྱི་ལས་ཡུན་ཚད་བཀག་ལྟར་འགྲོ་བཞིན་ཡོད།

མུ་མཐུད་ཀློགས་གནང་། རྒྱུན་ལས་རྣམ་པ།
 
 
Backgroud-home25

དལྟའི་ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་རྒྱུན་ལས།(༢༠༡༨ - ༢༠༢༡)



ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་ཉེ་དུས་པར།


ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་ཉེ་དུས་བརྙན་པར།